妙音天女之修法——賜語智德
索達吉堪布翻譯
譴世住世唯一事業十萬殊妙功德之寶藏,
悅音絹索緊擁有寂邊際妙語纖指之功用,
偽競賜予總持辯才驅逐不明猶豫邪蔓延,
持有盡所俊俏福德無塵偽裝有塵妙音女。
潔白容顏露出睨視利刃能勾入滅之禪定,
蹲坐雙足遊戲蓮月姿態百般牽動潤者心,
清晰明觀汝以心咒祈請恩賜一切善妙德。
(上文誦一遍,之後隨力念一字咒“舍”。)
所云捨一字,持誦八十萬,啟十萬智藏,智者動心語,喉中自流露,勝共諸悉地,輕易速獲得。
此文是為滿晉美彭措活佛與空行達賴拉姆二人心願,阿旺羅珠宗美於聖地五台山靜處撰著,願增善妙!
སྒྲ་དབྱངས་ལྷ་མོའི་སྒྲུབ་ཐབས་ངག་དང་བློ་ཡི་དཔལ་སྟེར།།སྲིད་ལ་འཕྱ་དང་སྲིད་པར་ཆགས་པའི་བྱེད་པ་གཅིག་གྱུར་ཕུར་བྱུང་ཡོན་ཏན་འབུམ་ཕྲག་གཏེར།།སྙན་འཇེབས་ཞགས་པས་སྲིད་ཞིའི་མུ་མཐའ་དམ་པོར་འཁྱུད་མཛད་ངག་དང་སོར་མོའི་བྱེད་པ་གང་།། འགྲན་པའི་ཟོལ་འཆང་གཟུངས་སྤོབས་དཔལ་སྟེར་མི་གསལ་རྩེ་གཉིས་ལོག་འབྱམས་གཡོ་བ་རྒྱང་དུ་སྐྲོད།། ཇི་སྙེད་མཛེས་སྡུག་ཡོངས་ཀྱི་དཔལ་འཆང་རྡུལ་མེད་རྡུལ་ལྟར་རྫུ་བག་ངོམ་པ་དབྱངས་ཅན་མ།།རབ་དཀར་ཞལ་གྱི་ དཀྱིལ་འཁོར་ལས་འོངས་ཟུར་མིག་མཚོན་ཆས་འགོག་ཞུགས་ཏིང་འཛིན་སློང་བར་བྱེད།། རབ་དཀར་ཞལ་གྱི་དཀྱིལ་འཁོར་ལས་འོངས་ཟུར་མིག་མཚོན་ཆས་འགོག་ཞུགས་ཏིང་འཛིན་སློང་བར་བྱེད།། ཙོག་པུའི་ཞབས་གཉིས་པད་ཟླར་རོལ་པས་རླན་ལདན་སེམས་ལ་བརྒྱ་ཕྲག་ངལ་བ་ཁུར་དུ་གྱུར།། གང་ཁྱོད་གསལ་བའི་རྒྱན་དུ་བཀོད་དེ་སྙིང་པོས་བསྐུལ་ལོ་དགེ་ལེགས་དཔལ་རྣམས་དེང་སྩོལ་ཅིག ཧྲཱིཾཿཞེས་ཡི་གེ་འབྲུ་གཅིག་པོ།། འབུམ་ཕྲག་བརྒྱད་དུ་བཟླས་པ་ཡིས།། བློ་གཏེར་འབུམ་གྱི་སྒོ་འབྱེད་ཅིང་།། མཁས་རྣམས་ཡིད་འཕྲོག་སྙན་པོའི་ངག །ཅི་དགར་མགྲིན་པའི་མཚོ་ལས་རྡོལ།། གཞན་ཡང་མཆོག་དང་ཐུན་མོང་གི །དངོས་གྲུབ་མཐའ་དག་བདེ་མྱུར་འཐོབ།། ཅེས་སྤྲུལ་པའི་སྐུ་མཆོག་འཇིགས་མེད་ཕུན་ཚོགས་དང་མཁའ་འགྲོ་ཏྭ་རེལྷ་མོ་ཟུང་གི་ཐུགས་བཞེད་བསྐང་ཕྱིར་གནས་མཆོག་རི་བོ་རྩེ་ལྔའི་ཡང་དབེན་དུ་ངག་དབང་བློ་གྲོས་མཚུངས་མེད་པས་བཀོད་པ་དགེ་ལེགས་འཕེལ་བར་གྱུར་ཅིག །